བྱེས་ཀྱི་གདན་ས་རཇ་པུར་དཔལ་ས་སྐྱ་ཆོས་སྒར་དུ་ལོ་ལྟར་བོད་ཟླ་བདུན་པའི་ནང་ཚོགས་མུས་ཡིན་པའི་དཔལ་ལྡན་ས་སྐྱ་པ་ལ་བཀའ་བབས་པའི་ཡི་དམ་འཁོན་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོ་འདི་བཞིན་ཕྱི་ཟླ་ ༨ ཚེས་ ༢༥ ནས་ཕྱི་ཟླ་ ༩ ཚེས། ༦ བར་ཉིན་གྲངས་བཅུ་གསུམ་རིང་ཚོགས་གཏན་འཁེལ་བ་གསལ་བསྒྲགས་ཟིན་པ་ལྟར་ཕྱི་ནང་ཡུལ་གྲུ་གང་སར་བཞུགས་པའི་དད་ལྡན་མང་ཚོགས་ལ་དྲྭ་ཐོག་ནས་ཚོགས་མཇལ་བྱིན་རླབས་ཞུ་ཆེད་ཕུར་པའི་སྒྲུབ་མཆོད་ཆེན་མོ་འདི་བཞིན་དགོན་པའི་གཞུང་འབྲེལ་ངོ་དེབ་བརྒྱུད་ཐད་གཏོང་ཞུ་འཆར་ཡོད་པས་དད་ལྡན་རྣམས་ཀྱིས་དགོངས་འཇགས་ཞུ། ཆབས་ཅིག་སང་ཉིན་ཕྱི་ཚེས། ༢༥ ཕུར་སྒྲུབ་ཉིན་དང་པོར་ཕུར་པའི་ས་ཆོག་དང་འབྲེལ་ཕུར་པའི་རྩ་འཆམ་དང་ནང་འཆམ་སོགས་གཟིགས་འབུལ་ཞུ་གི་ཡོད་པས་དགྱེས་གཟིགས་ཞུ།
 
Annual Vajra Kilaya puja will be conducted date from 25th August to 6th Sep at Sakya Centre monastery, Rajpur Dehra Dun. tomorrow on 25th going to be performed land ritual along with Vajra Kilaya root dance and also following day Vajra Kilaya Puja programs are will be Facebook livestream.